全国咨询热线 158-8908-4466

美丽西藏

མཛེས་སྡུག་ལྡན་པའི་བོད་ལྗོངས་

团结一致

རྡོག་རྩ་གཅིག་སྒྲིལ

习近平总书记在党的二十大向全党全军全国各族人民发出号召:要紧密团结在党中央周围,牢记空谈误国、实干兴邦,坚定信心、同心同德,埋头苦干、奋勇前进,为全面建设社会主义现代化国家、全面推进中华民族伟大复兴而团结奋斗!之后他又多次强调:学习贯彻党的二十大精神,要牢牢把握“团结奋斗”的时代要求!何也?在我们这个多民族国家,加强团结,特别是加强中华56个民族的大团结,是干好一切事业的基础,更是实现中华民族伟大复兴的不二选择。国家安全是民族复兴的根基,社会稳定是国家强盛的前提。西藏作为特殊的边疆民族地区和国家安全屏障,在党和国家工作大局中具有极为特殊的地位和价值,我们必须且能够为中华民族复兴伟业作出特有的西藏贡献。

民族团结是我国各族人民的生命线,必须始终高举中华民族大团结旗帜。党的十八大以来,习近平总书记高度重视民族工作特别是民族团结工作,从中华民族伟大复兴的战略全局出发,就我国统一多民族国家的民族团结问题发表了一系列重要讲话,提出了新时代加强民族团结的新思路、新理念和新思想,将民族团结提升到了“各族人民的生命线”的高度。2021年中央民族工作会议将“必须高举中华民族大团结旗帜”作为习近平总书记关于加强和改进民族工作重要论述的主要内容之一。西藏必须把维护祖国统一、加强民族团结作为一切工作的着眼点和着力点,把维护稳定作为第一位的工作任务,深入开展反分裂斗争,实现社会局势持续稳定长期稳定全面稳定。近年来特别是自治区第十次党代会以来,自治区党委、政府深入贯彻落实习近平总书记关于西藏工作的重要指示和新时代党的治藏方略,始终把民族团结作为战略性、基础性、长远性任务来抓,坚持和加强党对民族工作的全面领导,作出着力创建全国民族团结进步模范区、努力做到民族团结进步走在全国前列的战略部署。西藏各族人民要自觉维护民族团结大局,牢记“民族团结是福、民族分裂是祸”,始终把维护中华民族根本利益放在首位,始终把民族团结进步工作作为事关全局的大事抓紧抓实,始终像爱护自己的眼睛一样爱护民族团结、像珍视自己的生命一样珍视民族团结,广泛开展国家意识、公民意识、法治意识宣传教育,坚定不移同分裂势力作斗争,维护西藏社会稳定,确保祖国统一和边疆安全,展现我区各族干部群众为中华民族复兴伟业作贡献的政治责任和使命担当。

民族团结是我国各族人民的生命线,必须始终高举中华民族大团结旗帜。党的十八大以来,习近平总书记高度重视民族工作特别是民族团结工作,从中华民族伟大复兴的战略全局出发,就我国统一多民族国家的民族团结问题发表了一系列重要讲话,提出了新时代加强民族团结的新思路、新理念和新思想,将民族团结提升到了“各族人民的生命线”的高度。2021年中央民族工作会议将“必须高举中华民族大团结旗帜”作为习近平总书记关于加强和改进民族工作重要论述的主要内容之一。西藏必须把维护祖国统一、加强民族团结作为一切工作的着眼点和着力点,把维护稳定作为第一位的工作任务,深入开展反分裂斗争,实现社会局势持续稳定长期稳定全面稳定。近年来特别是自治区第十次党代会以来,自治区党委、政府深入贯彻落实习近平总书记关于西藏工作的重要指示和新时代党的治藏方略,始终把民族团结作为战略性、基础性、长远性任务来抓,坚持和加强党对民族工作的全面领导,作出着力创建全国民族团结进步模范区、努力做到民族团结进步走在全国前列的战略部署。西藏各族人民要自觉维护民族团结大局,牢记“民族团结是福、民族分裂是祸”,始终把维护中华民族根本利益放在首位,始终把民族团结进步工作作为事关全局的大事抓紧抓实,始终像爱护自己的眼睛一样爱护民族团结、像珍视自己的生命一样珍视民族团结,广泛开展国家意识、公民意识、法治意识宣传教育,坚定不移同分裂势力作斗争,维护西藏社会稳定,确保祖国统一和边疆安全,展现我区各族干部群众为中华民族复兴伟业作贡献的政治责任和使命担当。



团结统一是中国历史的主流,追求统一是中华民族的优秀传统和精神特质。中国人民崇尚统一,中国人民追求统一,统一是中华民族的优秀传统和精神特质,是中国文化的精髓。我国历史上,统一是主流、是长期的,分裂是逆流、是短暂的。经过近代抵御外辱的抗争,经过当代建设中国特色社会主义伟大成就的实践,特别是经过当前国际国内局势稳定与动荡的对比,我国各族人民已经深刻认识到,中华民族是一个命运共同体,一荣俱荣、一损俱损,各民族自己的命运同中华民族的命运是紧密相连、密不可分的。当前,以习近平同志为核心的党中央团结带领全国各族人民胜利完成脱贫攻坚任务,56个民族同步迈入全面小康社会,正向第二个百年奋斗目标迈进,中华民族共同体意识日益加强,平等团结互助和谐的社会主义民族关系不断巩固和发展。当前的西藏正处于历史上民族关系最好的时期,各族人民交往交流交融不断深化,共同团结奋斗、共同繁荣发展,共享国家改革发展稳定成果,获得感幸福感安全感不断增强。全区各级党委、政府、广大党员要时刻牢记党的二十大“团结奋斗”的时代要求,深刻认识新形势下加强民族团结的重大意义,时刻牢记民族团结是西藏360多万各族干部群众的福祉所在,倍加珍惜团结、倍加维护团结,坚持以铸牢中华民族共同体意识为主线,扎实开展民族团结进步创建活动,早日完成自治区第十次党代会提出的“着力创建全国民族团结进步模范区,努力做到民族团结进步走在全国前列”的目标任务。

民族团结是实现中华民族复兴伟业的坚强基石。民族团结是国家长治久安、兴旺发达的保证,是实现中华民族伟大复兴的坚强基石。我国几千年历史无数次证明,民族越团结,国家越强大,事业也就越顺利。中华民族是一个大家庭,56个民族都是家庭成员,我们要团结一心共同发展维护好这个大家庭。当前,我们正走在实现中华民族伟大复兴的征程上,正处在实现第二个百年奋斗目标的起点上,这绝不是轻轻松松、敲锣打鼓就能实现的。相反,中国越发展壮大、越接近民族复兴的目标,遇到的阻力就会越大,受到的压力就会更多,习近平总书记告诫我们要“准备经受风高浪急甚至惊涛骇浪的重大考验”。面对复杂多变险象环生的国际局势,我们只有团结一致,高举中华民族大团结旗帜,坚持铸牢中华民族共同体意识,才能有效应对中华民族伟大复兴过程中可能发生的种种挑战。西藏自古以来就是祖国神圣不可分割的一部分,是国家重要的安全屏障,我们必须把民族团结作为战略性、基础性、长远性工作来抓,转变作风,狠抓落实,确保各族干部群众听党话、感党恩、跟党走,巩固党在西藏的执政基础,以西藏的安全保国家的安全,以西藏的稳定保国家的稳定,这是建设社会主义现代化新西藏的需要,更是维护中华民族伟大复兴大局的需要,是党和人民交给我们西藏的神圣使命。

民族团结是实现中华民族伟大复兴的强大力量。团结就是力量,团结才能胜利。56个民族团结友爱,是中华民族的光荣传统,是我国社会主义民族关系的体现和特征,也是我们实现中华伟大民族复兴的力量源泉。习近平总书记在党的二十大报告指出,全面建设社会主义现代化国家、实现中华民族伟大复兴是一项千秋伟业,“责任无比重大、使命无上光荣”“团结奋斗是中国人民创造历史伟业的必由之路”“高质量发展是全面建设社会主义现代化国家的首要任务”。各民族干部群众必须在中国共产党坚强领导下,最大限度激发民族团结的内生动力,形成强大工作合力,汇成整个国家和民族奔向现代化的滚滚洪流。“治国必治边、治边先稳藏”,这是习近平总书记提出的具有时代意义的治藏方略,也是在实现中华民族伟大复兴的大道上,对西藏经济社会全面发展的战略布局。由于地理和历史原因,当前西藏经济社会发展程度依然比较落后,改革发展任务仍然艰巨繁重,重点领域、关键环节创新能力还不适应高质量发展要求,发展不平衡不充分问题仍然突出。经济发展和社会稳定、民族团结息息相关,西藏高质量发展和民族团结进步相辅相成、缺一不可。自治区第十次党代会明确提出,我们必须在各族群众中加强中华民族共同体意识教育,增强“五个认同”,聚焦“四件大事”、聚力“四个创建”,开创西藏长治久安和高质量发展新局面。在推动高质量发展过程中,西藏坚持所有发展都要赋予民族团结进步的意义,都要赋予维护统一、反对分裂的意义,都要赋予改善民生、凝聚人心的意义,都要有利于提升各族群众的获得感、幸福感、安全感,使发展成果更多惠及各族群众。各民族手足相亲、守望相助、团结奋进是我区的生命所在、力量所在、希望所在。我们必须加大民生基础设施建设力度,大力发展特色优势产业,推动巩固拓展脱贫攻坚成果同乡村振兴有效衔接,做深做细“十大民生工程”,强化固边兴边富民行动,培育一批民族团结家庭致富带头人、打造一批民族团结双创企业集群、发展一批民族团结特色文化产业,走出一条符合西藏实际的高质量发展之路,让各族人民共建美好生活、共享发展成果、共促民族团结,为铸牢中华民族共同体意识打牢物质基础,为中华民族伟大复兴汇聚团结奋斗的西藏力量。

民族团结是实现中华民族复兴的应有之义和必然要求。维护民族团结与维护国家统一、维护各民族根本利益从根本上讲是一致的,这既是中华民族的最高利益,也是实现中华民族伟大复兴的必然结果、重要内容。中华民族的伟大复兴,不是一个民族、多个民族或是人数多的民族的复兴,而是包括56个民族在内的全体中华儿女的复兴。在实现中华民族伟大复兴的征程上,一个民族都不能少,民族大团结既是民族复兴的基础和动力,也是民族复兴的应有之义和必然要求。习近平总书记用“三个前所未有”来表达我们所处的历史方位:我们前所未有地靠近世界舞台中心,前所未有地接近实现中华民族伟大复兴的目标,前所未有地具有实现这个目标的能力和信心。这“三个前所未有”,是各族人民在党的领导下长期团结奋斗的结果,无论现在还是将来,各族人民理应共同享有这样的荣光。新中国成立和社会主义制度的建立,彻底结束了民族对立、民族歧视、民族不平等的历史,开辟了各民族团结奋斗的新纪元。当前,我们实现了第一个百年奋斗目标,各民族共同进入全面小康社会,中华民族展现出极大的向心力、凝聚力。我们完全有理由相信,在本世纪中期第二个百年奋斗目标实现的时候,中华民族的自信心、自豪感将大大增强,一个包括西藏各族同胞在内的团结统一巩固的中华民族共同体将屹立于世界的东方。目标在前、蓝图绘就,空谈误国、实干兴邦。西藏广大干部和各族群众必须抢抓机遇,以更加昂扬的姿态,奋进新征程、建功新时代,弘扬伟大建党精神和“两路”精神、老西藏精神,确保党的二十大“团结奋斗”的时代要求在西藏得到坚决贯彻执行。



གི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཏང་ཡོངས་དང་།དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་འབོད་སྐུལ་གནང་དོན།ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་དང་།སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་ཡིད་ལ་བརྟན་པོར་བཅངས་ཏེ།ཡིད་ཆེས་བརྟན་པོ་དང་།བློ་གཅིག་སེམས་གཅིགདཀའ་སྤྱད་འབད་བརྩོན།དཔའ་ངར་ཆེ་སྐྱེད་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས། དེ་རྗེས་ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བར་“མཐུན་སྒྲིལ་འབད་འཐབ་”བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱ་དགོས་ཞེས་ནན་བཤད་ཐེངས་མང་གནང་བ་རེད། ཅི་ཞིག་ཡིན་ནམ། ང་ཚོ་མི་རིགས་མང་བའི་རྒྱལ་ཁབ་འདིར་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་།ལྷག་པར་དུ་ཀྲུང་ཧྭ་ཡི་མི་རིགས་56གི་མཐུན་སྒྲིལ་ཆེན་པོ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བྱ་གཞག་མཐའ་དག་ཡག་པོ་སྒྲུབ་པའི་རྨང་གཞི་ཡིན་ལ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་གདམ་ག་དེ་བས་ཡིན། རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན་པ་དང་།སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། བོད་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་ཞིག་ཡིན་པའི་ངོས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ནང་དམིགས་བསལ་གྱི་གནས་བབ་དང་རིན་ཐང་ལྡན་ཡོད་པས་ང་ཚོས་ངེས་པར་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དམིགས་བསལ་གྱི་བོད་ལ་ལེགས་སྐྱེས་འབུལ་ཐུབ་ངེས་རེད།

མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ གི་སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ལས་དོན་དང་ལྷག་པར་དུ་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་ནས་འགོ་བཙུགས་ཏེ་རང་རྒྱལ་གྱི་གཅིག་གྱུར་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་གནད་དོན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བསམ་ཕྱོགས་གསར་པ་དང་།འདུ་ཤེས་གསར་པ།བསམ་བློ་གསར་པ་བཅས་བཏོན་ནས་མི་རིགས་མཐུན་སྒྲིལ་དེ“མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལམ་བུའི”མཐོ་ཚད་དུ་སླེབས་པ་གནང་བ་རེད། 2021ལོའི་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག“ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་དགོས”ཞེས་པ་དེ་ གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ནང་དོན་གཙོ་བོའི་གྲས་སུ་བརྩི་དགོས། བོད་ཀྱིས་ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་མཐའ་དག་གི་དམིགས་ས་དང་ཤུགས་རྒྱག་ས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་།ཡུན་རིང་།ཁྱོན་ཡོངས་བཅས་བརྟན་ལྷིང་ཡོང་བ་བྱེད་དགོས། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་དེ་འཐབ་ཇུས་རང་བཞིན་དང་།རྨང་གཞིའི་རང་བཞིན།ཕུགས་རྒྱང་རིང་བའི་རང་བཞིན་བཅས་ཀྱི་ལས་འགན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ཏང་གིས་མི་རིགས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་འཐབ་ཇུས་བཀོད་སྒྲིག་བྱས་པ་རེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་གྱི་ཁྱོན་ཡོངས་ལ་སྲུང་སྐྱོང་དང་།“མི་རིགས་མཐུན་སྒྲིལ་ནི་བདེ་སྐྱིད་ཡིན།མི་རིགས་ཁ་ཕྲལ་ནི་ཆག་སྒོ་ཡིན”ཞེས་པ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་།

མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ གི་སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ལས་དོན་དང་ལྷག་པར་དུ་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་ནས་འགོ་བཙུགས་ཏེ་རང་རྒྱལ་གྱི་གཅིག་གྱུར་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་གནད་དོན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བསམ་ཕྱོགས་གསར་པ་དང་།འདུ་ཤེས་གསར་པ།བསམ་བློ་གསར་པ་བཅས་བཏོན་ནས་མི་རིགས་མཐུན་སྒྲིལ་དེ“མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལམ་བུའི”མཐོ་ཚད་དུ་སླེབས་པ་གནང་བ་རེད། 2021ལོའི་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག“ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་དགོས”ཞེས་པ་དེ་ གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ནང་དོན་གཙོ་བོའི་གྲས་སུ་བརྩི་དགོས། བོད་ཀྱིས་ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་མཐའ་དག་གི་དམིགས་ས་དང་ཤུགས་རྒྱག་ས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་།ཡུན་རིང་།ཁྱོན་ཡོངས་བཅས་བརྟན་ལྷིང་ཡོང་བ་བྱེད་དགོས། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་དེ་འཐབ་ཇུས་རང་བཞིན་དང་།རྨང་གཞིའི་རང་བཞིན།ཕུགས་རྒྱང་རིང་བའི་རང་བཞིན་བཅས་ཀྱི་ལས་འགན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ཏང་གིས་མི་རིགས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་འཐབ་ཇུས་བཀོད་སྒྲིག་བྱས་པ་རེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་གྱི་ཁྱོན་ཡོངས་ལ་སྲུང་སྐྱོང་དང་།“མི་རིགས་མཐུན་སྒྲིལ་ནི་བདེ་སྐྱིད་ཡིན།མི་རིགས་ཁ་ཕྲལ་ནི་ཆག་སྒོ་ཡིན”ཞེས་པ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་།

མཐུན་སྒྲིལ་དང་གཅིག་གྱུར་ནི་ཀྲུང་གོའི་ལོ་རྒྱུས་ཀྱི་གཙོ་རྒྱུན་ཡིན་པ་དང་།གཅིག་གྱུར་བརྩོན་ལེན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དང་བསམ་པའི་ཁྱད་ཆོས་ཡིན། ཀྲུང་གོ་མི་དམངས་ཀྱིས་གཅིག་གྱུར་ལ་བརྩི་མཐོང་དར་སྤེལ་དང་ཀྲུང་གོ་མི་དམངས་ཀྱིས་གཅིག་གྱུར་དོན་གཉེར་བྱེད་ཀྱི་ཡོད།གཅིག་གྱུར་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དང་བསམ་པའི་ཁྱད་ཆོས་ཤིག་དང་ཀྲུང་གོའི་རིག་གནས་ཀྱི་སྙིང་བཅུད་ཅིག་རེད། རང་རྒྱལ་གྱི་ལོ་རྒྱུས་ཐོག་གཅིག་གྱུར་ནི་འཕེལ་ཕྱོགས་གཙོ་བོ་དང་དུས་ཡུན་རིང་པོ་ཞིག་ཡིན་པ་དང་།ཁ་ཕྲལ་ནི་རླབས་ཟུར་གྱེན་ལྡོག་ཅིག་དང་དུས་ཐུང་ཞིག་རེད། ཉེ་རབས་སུ་ཕྱི་ཕྱོགས་ཀྱི་བརྙས་བཅོས་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་བྱས་པ་དང་།དེང་རབས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ལག་ལེན་བྱས་པ་སྤྱི་དང་།ལྷག་པར་དུ་མིག་སྔའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་བརྟན་ལྷིང་དང་ཟིང་ཆ་གཉིས་བསྡུར་པ་བརྒྱུད།རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས།དར་ན་མཉམ་དར་དང་རྒུད་ན་མཉམ་རྒུད་ཡིན་པ་དང་།མི་རིགས་ཁག་རང་ཉིད་ཀྱི་ལས་དབང་དེ་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་ཟབ་དང་བྲལ་ཐབས་མེད་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། མིག་སྔར་ བློ་མཐུན་ལྟེ་བར་བྱས་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་པ་དང་།མི་རིགས་56དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པ།ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་པ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཉིན་བཞིན་ཟབ་ཏུ་ཕྱིན་པ།འདྲ་མཉམ་མཐུན་སྒྲིལ་རོགས་རེས་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་བཞིན་ཡོད། མིག་སྔའི་བོད་འདི་ཉིད་ལོ་རྒྱུས་ཐོག་མི་རིགས་ཀྱི་འབྲེལ་བ་ཡག་ཤོས་ཀྱི་དུས་སྐབས་སུ་གནས་པ་དང་མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱི་སྒྱུར་བཅོས་དང་།འཕེལ་རྒྱས།བརྟན་ལྷིང་བཅས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཀྱིས་བདེ་སྐྱིད་ཚོར་སེམས་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་འགྲོ་གི་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་།སྲིད་གཞུང་།རྒྱ་ཆེའི་ཏང་ཡོན་བཅས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི“མཐུན་སྒྲིལ་འབད་འཐབ”ཀྱི་དུས་རབས་ཀྱི་བླང་བྱ་བློ་ལ་བརྟན་པོར་ངེས་ནས་དུས་བབ་གསར་པའི་འོག་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་360ལྷག་ཙམ་གྱི་བདེ་སྐྱིད་གནས་ས་བློ་ལ་བརྟན་པོར་ངེས་ནས་མཐུན་སྒྲིལ་ལ་གཅེས་སྤྲས་དང་མཐུན་སྒྲིལ་ལ་སྲུང་སྐྱོང་ལྡབ་འགྱུར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཏན་ཏིག་སྤེལ་ནས་རང་སྐྱོང་ལྗོངས་ཏང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོགས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་པའི”སྔ་ཙམ་གྱིས་རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་བཟང་གཏོད་རྒྱུར་འབད་བརྩོན་བྱེད་དགོས།།

མི་རིགས་མཐུན་སྒྲིལ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་མངོན་འགྱུར་བྱེད་པའི་རྨང་རྡོ་བརྟན་པོ་ཞིག་ཡིན། མི་རིགས་མཐུན་སྒྲིལ་ནི་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་བའི་འགན་ལེན་ཡིན་ལ།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་རྨང་རྡོ་བརྟན་པོ་ཞིག་ཀྱང་ཡིན། རང་རྒྱལ་གྱི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཐོག་ནས་མི་རིགས་མཐུན་སྒྲིལ་ཇི་ཙམ་བྱུང་བ་དེ་ཙམ་གྱིས་རྒྱལ་ཁབ་སྟོབས་ཆེར་སོང་ན།བྱ་གཞག་ཀྱང་དེ་ཙམ་གྱིས་བདེ་བླག་ཏུ་འགྱུར་ངེས་ཡིན་པ་ར་སྤྲོད་ཐེངས་མང་བྱས་ཡོད། ཀྲུང་ཧྭ་མི་རིགས་ནི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་ཞིང་།མི་རིགས་56ཚང་མ་ཁྱིམ་ཚང་གི་ཁོངས་མི་ཡིན་པས་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཁྱིམ་ཚང་ཆེན་པོ་འདི་ཐུན་མོང་ཐོག་འཕེལ་རྒྱས་དང་སྲུང་སྐྱོང་ཡག་པོ་བྱེད་དགོས། མིག་སྔར་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགོ་འཛུགས་སར་གནས་ཡོད་པས་དེ་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་གཏན་ནས་མིན། དེ་ལས་ལྡོག་སྟེ།ཀྲུང་གོ་ཇི་ཙམ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་དམིགས་ཚད་དང་དེ་ཙམ་གྱིས་ཉེ་བཅར་ཐུབ་པ་དང་།འཕྲད་པའི་འགལ་རྐྱེན་དེ་ཙམ་གྱིས་ཆེ་རུ་འགྲོ་བ།གནོན་ཤུགས་དེ་བས་མང་བ་ཕོག་སྲིད་པས། གི་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར“རྦ་རླབས་དྲག་པོ་འཕྱུར་བ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བ་ཞིག་གི་ཚོད་བགམ་ཆེན་པོ་ཐེག་རྒྱུའི་གྲ་སྒྲིག་བྱེད་དགོས”ཞེས་བསླབ་བྱ་གནང་བ་རེད། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་ང་ཚོས་རྡོག་རྩ་གཅིག་སྒྲིལ་དང་།ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་བ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྒྱུད་རིམ་ནང་ཐོན་སྲིད་པའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་མཆོག་ཏུ་གྱུར་ལ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་རྒྱལ་ཁབ་ཀྱི་གལ་ཆེའི་བདེ་འཇགས་སྲུང་ཡོལ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་མི་རིགས་མཐུན་སྒྲིལ་དེ་འཐབ་ཇུས་རང་བཞིན་དང་།རྨང་གཞིའི་རང་བཞིན།ཕུགས་རྒྱང་རིང་བའི་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་སྤྱོད་ཚུལ་འགྱུར་ལྡོག་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་འགན་ལེན་བྱས་ཏེ་ཏང་གི་བོད་ཀྱི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་བོད་ཀྱི་བདེ་འཇགས་ལ་བརྟེན་ནས་བོད་ཀྱི་བརྟན་ལྷིང་ལ་འགན་ལེན་བྱེད་དགོས།

མི་རིགས་མཐུན་སྒྲིལ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཡིན། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་འཐོབ་ཐུབ། མི་རིགས་56མཐུན་སྒྲིལ་མཛའ་བརྩེ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡིན་པ་དང་།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་མཚོན་ཚུལ་དང་ཁྱད་ཆོས་ཡིན་ལ།ང་ཚོས་ཀྲུང་ཧྭའི་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན།  གི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་།ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ལོ་ངོ་སྟོང་ཕྲག་གི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པ་དང་།“འགན་འཁྲི་བླ་ན་མེད་པ་དང་ལས་འགན་གཟི་བརྗིད་བླ་ན་མེད་པ་ཞིག་རེད།”“མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད།”“སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་རེད།” མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་རིགས་མཐུན་སྒྲིལ་གྱི་ནང་གནས་སྒུལ་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འཕེལ་བ་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ནས་རྒྱལ་ཁབ་དང་མི་རིགས་ཧྲིལ་པོ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་རླབས་རྒྱུན་དྲག་པོ་ཞིག་ཆགས་པ་བྱེད་དགོས། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་པ་དེ་ནི་ གི་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་དུས་རབས་ཀྱི་དོན་སྙིང་ལྡན་པའི་བོད་སྐྱོང་མཛད་ཇུས་ཤིག་ཡིན་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་ཆེན་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཅིག་ཀྱང་རེད། ས་ཁམས་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་མིག་སྔར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བཞིན་ཅུང་རྗེས་ལུས་ཡིན་པ་དང་།སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བ།གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་གསར་གཏོད་ནུས་པ་ད་དུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་མཐུན་མེད་པ།འཕེལ་རྒྱས་དོ་སྙོམས་དང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་བཅས་རེད། དཔལ་འབྱོར་འཕེལ་རྒྱས་དང་།སྤྱི་ཚོགས་བརྟན་ལྷིང་།མི་རིགས་མཐུན་སྒྲིལ་བཅས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་ཆད་ནའང་མི་འགྲིག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་ང་ཚོས་ངེས་པར་དུ་མི་རིགས་ཁག་གི་མང་ཚོགས་ཁྲོད་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ“ངོས་འཛིན་གཅིག་མཐུན་ལྔ”ཆེ་རུ་བཏང་ནས“དོན་ཆེན་བཞིར”དམིགས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས“གསར་གཏོད་བཞིར”དམིགས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ཁ་གསལ་བཏོན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་བོད་ཀྱིས་འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་།ཚང་མས་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ།ཚང་མས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་ལྡན་དགོས་པ།མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། མི་རིགས་ཁག་གི་སྤུན་ཟླའི་བར་གྱི་མཛའ་མཐུན་དང་།རོགས་རེས་རོགས་རེས།མཐུན་སྒྲིལ་ཡར་བརྩོན་བཅས་ནི་རང་ལྗོངས་ཀྱི་ཚེ་སྲོག་གནས་ས་དང་།སྟོབས་ཤུགས་གནས་ས།རེ་བ་བྱེད་ས་བཅས་ཡིན། ང་ཚོས་ངེས་པར་དུ་དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་བ།“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”གཏིང་ཟབ་དང་ཞིབ་ཚགས་ངང་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ།མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་པ།མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཕྱུག་འགྱུར་སྣེ་ཁྲིད་པ་ཁག་གཅིག་སྐྱེད་སྲིང་བྱེད་པ།མི་རིགས་མཐུན་སྒྲིལ་གྱི་མཉམ་གཏོད་མཉམ་གཏོད་ཀྱི་ཁེ་ལས་ཚོགས་སྤྱི་ཁག་གཅིག་གཏོད་བྱེད་པ།

མི་རིགས་མཐུན་སྒྲིལ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་དགོས་ངེས་ཀྱི་དོན་སྙིང་དང་ལྡོག་མེད་ཀྱི་བླང་བྱ་ཡིན། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་དང་།མི་རིགས་ཁག་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་རྩ་བའི་ཐོག་ནས་བཤད་ན་གཅིག་མཐུན་ཡིན་ཞིང་།འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་མཐོ་བའི་ཁེ་ཕན་ཡིན་ལ།ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འབྲས་བུ་དང་ནང་དོན་གལ་ཆེན་ཡང་ཡིན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ནི་མི་རིགས་གཅིག་དང་།མི་རིགས་མང་བའམ་ཡང་ན་མི་གྲངས་མང་བ་བཅས་ཀྱི་བསྐྱར་དར་མ་ཡིན་པར་མི་རིགས་56ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་བསྐྱར་དར་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་མི་རིགས་གཅིག་ཀྱང་ཆད་མི་རུང་བ་དང་མི་རིགས་མཐུན་སྒྲིལ་ཆེ་མོ་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་དང་སྒུལ་ཤུགས་ཡིན་ལ་མི་རིགས་བསྐྱར་དར་གྱི་དགོས་ངེས་ཀྱི་དོན་སྙིང་དང་ལྡོག་མེད་ཀྱི་བླང་བྱའང་ཡིན།  གི་སྤྱི་ཁྱབ་ཧྲུའུ་ཅིས་“སྔར་བྱུང་མ་མྱོང་བ་གསུམ་”ལ་བརྟེན་ནས་ང་ཚོ་གནས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་མཚོན་ཡོད་པ་སྟེ།ང་ཚོས་སྔར་བྱུང་མ་མྱོང་བའི་སྒོ་ནས་འཛམ་གླིང་གི་གར་སྟེགས་ལྟེ་གནས་དང་ཉེ་པོ་བྱེད་པ་དང་།སྔར་བྱུང་མ་མྱོང་བའི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དམིགས་ཡུལ་དང་ཉེ་བཅར་བྱེད་པ།སྔར་བྱུང་མ་མྱོང་བའི་སྒོ་ནས་དམིགས་འབེན་འདི་མངོན་འགྱུར་བྱེད་པའི་ནུས་པ་དང་ཡིད་ཆེས་ཡོད། “སྔར་བྱུང་མ་མྱོང་བ་གསུམ་”དེ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་ཡུན་རིང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས།ད་ལྟ་དང་འབྱུང་འགྱུར་གང་ཡིན་རུང་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གཟི་བརྗིད་འདི་འདྲ་ལོངས་སྤྱོད་བྱེད་འོས་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དེས་མི་རིགས་ཁ་གཏད་དུ་ལངས་པ་དང་།མི་རིགས་ལ་མཐོང་ཆུང་བྱེད་པ།མི་རིགས་འདྲ་མཉམ་མིན་པ་བཅས་ཀྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་དང་མི་རིགས་ཁག་གིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་གསར་པ་བཏོད་པ་རེད། མིག་སྔར་ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་པ་དང་མི་རིགས་ཁག་ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་དེ་ཀྲུང་ཧྭ་མི་རིགས་ལ་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེན་པོ་མངོན་ཡོད། དུས་རབས་འདིའི་དུས་དཀྱིལ་གྱི་ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་སྐབས།ཀྲུང་ཧྭ་མི་རིགས་ཀྱི་རང་ཡིད་རང་ཆེས་དང་སྤོབས་སེམས་ཆེས་ཆེར་འཕེལ་ངེས་ཡིན་པ་དང་།བོད་ལྗོངས་མི་རིགས་ཁག་གི་སྤུན་ཟླ་ཚུད་པའི་མཐུན་སྒྲིལ་གཅིག་གྱུར་སྲ་བརྟན་ཡིན་པའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་ཞིག་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཐུབ་པར་ང་ཚོར་ཡིད་ཆེས་རྦད་དེ་ཡོད། དམིགས་ཡུལ་ནི་སྔོན་ལ་སྒྲུབ་པ་དང་འཆར་གཞི་བཀོད་ན་སྟོང་བཤད་རྒྱལ་ཕུང་དང་དངོས་གཉེར་རྒྱལ་དར་ཡོང་རྒྱུ་རེད། བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ཏེ་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་བཞག་སྟེ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་།“ལམ་གཉིས”ཀྱི་སྙིང་སྟོབས།བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་“མཐུན་སྒྲིལ་འབད་འཐབ་”གྱི་དུས་རབས་ཀྱི་བླང་བྱ་བོད་དུ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།